དྲང་ཁྲིམས་ལྷན་སྡེའི་བརྡ་བརྒྱུད་དང་བརྒྱུད་འབྲེལ་སྡེ་ཕྲན།

Posted: 17 July, 2025

Category: Media and Communication Unit

 

དྲང་ཁྲིམས་ལྷན་སྡེའི་བརྡ་བརྒྱུད་དང་བརྒྱུད་འབྲེལ་སྡེ་ཕྲན་དེ་ སྡེ་ཕྲན་འདིའི་བྱ་སྒོའི་ལམ་སྟོན་༢༠༢༢ ཅན་མ་དང་འཁྲིལ་ དྲང་ཁྲིམས་ལྷན་སྡེ་དང་འདིའི་མཛད་སྒོའི་རིམ་པ་སྐོར་བརྡ་དོན་ཞུས་སའི་སྒོ་ལམ་ཅིག་སྦེ་ གཞི་འཛུགས་མཛད་གནང་ཡོདཔ་ཨིན།

དེ་བསྟུན་ སྡེ་ཕྲན་འདིའི་དགོས་དོན་དང་འགན་ཁག་དེ་ཡང་ཿ

      ངེས་མཁོ་དང་བསྟུན་ རྒྱལ་ཁབ་ལུ་ དྲང་བདེན་གྱི་བརྡ་དོན་ཚུ་ སྤེལ་ནི།

      དྲང་ཁྲིམས་ལྷན་སྡེ་དེ་ དྭངས་གསལ་དང་འགན་འཁྲི་ཅན་སྦེ་བཟོ་ནི་དོན་དུ་ ཁྲིམས་དང་འབྲེལ་བའི་བརྡ་དོན་ཚུ་

      དུས་ཐོག་ཐོབ་ཚུགསཔ་བཟོ་ནི་ནང་ཕན་འགྲོགས་འབད་ནི་དང་

      དྲང་ཁྲིམས་ལྷན་སྡེ་དང་ དྲང་ཁྲིམས་དང་འབྲེལ་བའི་ལས་སྡེ་ཚུའི་དབར་ བརྡ་དོན་སྤྲོད་ལེན་གྱི་རིམ་པ་མཐུན་སྙོན་བཟོ་སྟེ་

      དྲང་ཁྲིམས་ལྷན་སྡེར་ མི་དམངས་ཡིད་ཆེད་དང་བློ་གཏད་འཕེལ་རྒྱས་གཏང་ནི་ཚུ་ཨིན།

སྡེ་ཕྲན་དང་ དྲང་ཁྲིམས་ལྷན་སྡེའི་དཀའ་སེལ་སྡེ་ཚན་གཉིས་ཀྱིས་ མཉམ་རུབ་ཐོག་ལས་

དྲང་ཁྲིམས་དང་འབྲེལ་བའི་ཞབས་ཏོག་ཡར་དྲག་གཏང་ནི་ཨིན།

མཁྱེན་ལྡན་ཚུ་གིས་ སྡེ་ཕྲན་འདིའི་བྱ་སྒོའི་རིམ་པ་ ཡང་ན་ དེ་དང་འབྲེལ་བའི་གནད་དོན་སྐོར་ མཁྱེན་འདོད་ཡོད་པ་ཅིན་

ཡོངས་འབྲེལ་ནང་ཡོད་པའི་སྡེ་ཕྲན་འདིའི་བྱ་སྒོའི་ལམ་སྟོན་གཟིགས་གནང་ ཡང་ན་ སྡེ་ཕྲན་འདིའི་ལས་བྱེདཔ་ངོམ་ཀརྨ་ཚེ་རིང་ལུ་

གློག་འཕྲིན་ཁ་བྱང་supremecourtmedia@judiciary.gov.bt ཐོག་ལས་འབྲེལ་བ་འཐབ་གནང་ཟེར་ཞུ་ནི་ཨིན།