དྲང་ཁྲིམས་ལྷན་སྡེའི་དཀའ་སེལ་སྡེ་ཚན།

Posted: 17 July, 2025

Category: Greviance Cell

 

དྲང་ཁྲིམས་ལྷན་སྡེའི་དཀའ་སེལ་སྡེ་ཚན་དེ་ སྡེ་ཚན་འདིའི་བྱ་སྒོའི་བྱ་སྒོའི་ལམ་སྟོན་༢༠༢༢ ཅན་མ་དང་འཁྲིལ་ དྲང་ཁྲིམས་ཞབས་ཏོག་ཞུས་མི་ཚུ་གི་

རེ་འདོད་དང་དགོས་པ་ཚུ་རྟོགས་སྟེ་ དྲང་ཁྲིམས་ཞབས་ཏོག་ཡར་དྲག་བཏང་ནི་དོན་ལུ་ གཞི་འཛུགས་མཛད་གནང་ཡོདཔ་ཨིན།

མི་ངོ་གང་ཡིན་ཇི་ལྟར་ཡང་ སྡེ་ཚན་དང་གཅིག་ཁར་ དྲང་ཁྲིམས་ལྷན་སྡེའི་བྱ་སྒོའི་རིམ་པ་ ཡང་ན་ འདིའི་ལས་བྱེད་པ་ཚུ་གི་སྤྱོད་ཚུལ་སྐོར་

ཉོགས་བཤད་ ཡང་ན་ བདེ་མིན་སྡུག་སྐད་ ཡིག་ཐོག་ཐོ་བཀོད་འབད་ཚུགས་པ་ཡིན་རུང་ སྡེ་ཚན་འདི་གིས་ ཁྲིམས་ཀྱི་གྲོས་ཆོད་ ཡང་ན་ ཁྲིམས་ཀྱི་འདུན་སར་བཤེར་འཕྲོ་ཡོད་པའི་གནད་དོན་སྐོར་ལས་ ཉོགས་བཤད་ ཡང་ན་ བདེ་མིན་སྡུག་སྐད་ཚུ་ངོས་ལེན་འབད་ནི་མེད། དེ་ཡང་
གནད་དོན་དེ་ བཤེར་འཕྲོ་དང་མཐོ་གཏུགས་ཀྱི་རྣམ་གཞག་དང་བསྟུན་ འབྲེལ་ཡོད་ཁྲིམས་ཀྱི་འདུན་སར་ཕུལ་དགོཔ་ཨིན།

སྡེ་ཚན་འདི་གིས་ མངོན་མཐོ་ཁྲིམས་ཀྱི་འདུན་སའི་རྩོད་འཛིན་ཡོངས་ཁྱབ་ཀྱི་ཡིག་ཚང་བརྒྱུད་དེ་

འབྲུག་གི་ཁྲིམས་སྤྱི་བློན་པོ་རིན་པོ་ཆེ་དང་མཐུད་སྦྱོར་ཐོག་ལས་ ཐོ་བཀོད་གྲུབ་པའི་ཉོགས་བཤད་དང་ དཀའ་ངལ་ཚུ་སེལ་གནང་ནི་ཨིན།

མཁྱེན་ལྡན་ཚུ་གིས་ སྡེ་ཚན་འདིའི་བྱ་སྒོའི་རིམ་པ་ ཡང་ན་ དེ་དང་འབྲེལ་བའི་གནད་དོན་སྐོར་ མཁྱེན་འདོད་ཡོད་པ་ཅིན་

ཆེ་མཐོ་ཁྲིམས་ཀྱི་འདུན་སའི་རྩོད་འཛིན་ཡོངས་ཁྱབ་ དྲང་དཔོན་ཕུར་པ་རྡོ་རྗེ་ལུ་ གློག་འཕྲིན་ཁ་བྱང་pdorji@judiciary.gov.bt

ཐོག་ལས་འབྲེལ་བ་འཐབ་གནང་ཟེར་ཞུ་ནི་ཨིན།